❤
གནམ་མཚོ། གླུ་ཡག་པ་ཡོད་ན་དེ་རིང་ལོངས།
གླུ་མ་གནམ་མཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་བརྙན་འཕྲིན་བཅས་ཀྱི་མཉམ་ཏུ་སྒྲུབ་པའི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་སྟེང་གདན་ཞུའི་གླུ་གཞས་༼གླུ་ཡག་པོ་ཡོད་ན་དེ་རིིང་ལོངས་༽ཞེས་པ། གཟའ་མཇུག་འདིར་ཀུན་གྱི་སྙན་ཏུ་འབུལ་རྒྱུ་ཡིན།
歌手南措在青海藏语广播和青海藏语网络广播电视台举办的第六届多康地区扎木念弹唱大赛颁奖晚会上作为表演嘉宾演唱的歌曲《好歌今天唱》,祝大家周末愉快!
点击上方音频收听
གླུ་ཡག་པ་ཡོད་ན་དེ་རིང་ལོངས།
ཚིག་དང་དབྱངས། དམངས་ཁྲོད།
ལེན་མཁན། གནམ་མཚོ།
དགུང་ཨ་སྔོན་དབྱིངས་ཀྱི་གླག་རྒོད་ཚོ།
དགུང་གནམ་འཕང་བསྟོད་ན་དེ་རིང་བསྟོད།
འཇའ་གུར་ཁང་ཕུག་པ་ཡག་རེ་ལྟོས།
རླུང་སྤུ་གྲིའི་བར་ན་སྐྱིད་རེ་ལྟོས།
བྱ་རྒས་ནས་གཤོག་སྒྲོ་ལྷུང་དུས་སུ།
བསྟོད་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད།
སྤང་མེ་ཏོག་དཀྱིལ་གྱི་རྟ་མཆོག་ཚོ།
རྒྱུག་གོམ་ཁ་ཡོད་ན་དེ་རིང་ངོམས།
སྤང་མེ་ཏོག་རྒྱན་པ་ཡག་རེ་ལྟོས།
ལམ་འཕྲེད་ཀྱིས་བཅད་ན་སྐྱིད་རེ་ལྟོས།
རྟ་རྒས་ནས་གོམ་ཁ་ཉམས་དུས་སུ།
རྒྱུག་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད།
བོད་གངས་ཅན་བུ་དང་བུ་མོ་ཚོ།
གླུ་ཡག་པ་ཡོད་ན་དེ་རིང་ལོངས།
ཆང་དཀར་དམར་སྒྲིག་པ་ཡག་རེ་ལྟོས།
གླུ་སིང་སེ་བླངས་ན་སྐྱིད་རེ་ལྟོས།
མི་རྒས་ནས་དུང་སོ་འཐོར་དུས་སུ།
ལེན་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད།